![]()
![]()
![]()
![]()
རྩིས་རིག་ནོར་འཁྲུལ་བྱུང་རྗེས།
"འགྱུར་མེད།ཁྱོད་ཀྱི་ཅིའི་ཕྱིར་འདི་ལྟ་བུ་དྲི་བ་སླ་མོ་ཡང་ནོར་འཁྲུལ་བྱུང་བ་ཡིན།གལ་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་དྲི་ལན་མ་འདེབས་ན།དྲི་བ་ཇི་འདྲའི་སླ་ཡང་ལན་འདེབས་མི་ཤེས།"དགེ་རྒན་གྱིས་སྐད་ཤུགས་ནན་མོའི་ང་ལ་ཁ་ཏ་བྱེད་ཅིང་།ངོ་གདོང་ཡང་ཁོང་ཁྲོས་མནར་ནས་དམར་པོར་གྱུར།ངས་རྒྱུགས་ཤོག་ལག་ལ་བཟུང་ནས་བཤད་སྟེགས་ལས་བབས།སྐབས་དེར།རྒྱང་བསྒྲགས་ནས་"བརྩེ་བའི་སློབ་གྲོགས་དང་དགེ་རྒན།སློབ་ཐུན་གྲོལ་སོང"ཞེས་འབོད་སོང་།སློབ་ཁང་ནང་དུ་སློབ་གྲོགས་རྣམས་ཀྱི་དགོད་སྒྲས་ཁེངས།ངའི་མགོ་བོ་སྔོན་ལས་ཀྱང་བསྒུར།ང་ངུ་འདོད་མོད།འོན་ཀྱང་ངུ་ལ་རན་པའི་དུས་སུ།དཔེ་ཆ་ནང་གི་གནས་ལུགས་ཤིག་དྲན་བྱུང་།"ངུ་བ་དང་ལེ་ལོ་ནི་མི་སྡར་མའི་ལས་སྟངས་ཡིན།དཔའ་བོ་ངོ་མ་ནི་དཀའ་ཁག་དང་ངོ་རྒོལ་བྱེད་ཕོད་ཅེས་པའི་ཚིག་དེ་དྲན་རྗེས།ངའི་མིག་ཆུ་དེ་མེད་པར་འགྱུར་ཞིང་།ངས་སེམས་གཅིག་བློ་གཅིག་གི་ངང་ནས།མི་ཤེས་པའི་རྩིས་རིག་གི་དྲི་གཞིར་རྒོལ་ལན་བྱེད་པ་ཡིན།ངས་ཞིབ་ཕྲའི་ངང་ནས་རྩིས་འགའ་བརྒྱབ་རྗེས།མཐར་དྲིས་ལན་འདེབས་ཤེས་སོང་།ངས་ད་གཟོད་དགེ་རྒན་ཁོང་ཁྲོ་ཆེན་པོ་ལངས་པའི་རྒྱུ་མཚན་དེ་ཤེས་ཤིང་།དེ་ནས་བཟུང་བློ་རྩེ་གཅིག་སྒྲིམ་གྱིས་དོན་དག་སྒྲུབ་པ་ཡིན།།ཉི་མ་ནི་ཉི་མའི་ཁྱིམ་རྒྱུད་ནང་གི་ཆེས་ཆེ་བའི་གོ་ལ་ཡིན་ལ།ད་དུང་གཞན་གྱི་གོ་ལར་མི་ལྡན་པའི་ངར་ཆེ་བའི་དྲོད་འོད་ཡོད།ཉི་མའང་ང་ཚོར་མེད་དུ་མི་རུང་བའི་སྐར་མའི་གོ་ལ་ཡིན་ལ།སའི་གོ་ལའི་ཚེ་སྲོག་སྦྱིན་མཁན་གྱི་མ་ཡུམ་དང་མཚུངས་སོ།།ཉི་མ་ནི་ལོ་ན་བགྲེས་ཤིང་།དུང་ཕྱུར་བརྒྱ་ཕྲག་སྔོན་ནས་འབྱུང་བ་ཡིན་ལ།ཉི་མའི་ཕྱི་ངོས་ཀྱི་དྲོད་ཚད་ནི་ཧ་ཅང་ངར་ལ།ཉི་མའི་ནང་སྙིང་གི་དྲོད་ཚད་ནི་དེ་ལས་ཀྱང་ཚ་དྲག་ཆེའོ།།ཁྱོད་ཀྱིས་ལྟོས་དང་།ང་ཚོས་མཁའ་དབྱིངས་ལ་བལྟས་ཚེ།ཉི་མ་ཆུང་ཞིང་ཟླ་བའི་འོད་སྡེར་དང་མཚུངས་མོད།འོན་ཀྱང་དེའི་འོད་དང་དྲོད་ནི་ད་དུང་ཧ་ཅང་དྲག དེ་དག་ལ་སོགས་པ་ནི་ཉི་མའི་དྲོད་ཚད་མཚོན་ཡོད།དེ་ནས་མི་རྣམས་ཀྱིས་ཉི་འོད་ཧ་ཅང་ངར་བ་མཐོང་ཚེ་སེམས་ནང་དུ་རང་དབང་མེད་པར་"ཉི་མའི་དྲོད་ཚད་ཧ་ཅང་ངར་བས།ཉི་མ་ནི་དངོས་རྫས་ཅི་ཞིག་གིས་གྲུབ་པ་ཡིན"ཞེས་པའི་དྲི་བ་ཐོན།དེ་ནི་ཇི་ལྟར་བྱུང་བ་ཡིན་ཞེ་ན།དངོས་ལུགས་རྫས་འགྱུར་གྱི་འགྱུར་ལྡོག་ལ་བརྟེན་ནས་བྱུང་བའི་དྲོད་ནུས་ཡིན།ཉི་མ་ནི་ང་ཚོ་འཚོ་བའི་ཁྲོད་དུ་འབྲེལ་བ་ཧ་ཅང་ཟབ་ཅིང་ཆེ་ལ།ཉི་མ་དང་སའི་གོ་ལ་ནི་མིང་དོན་མཉམ་འབྲེལ་གྱི་ཡུམ་གོ་ལ་དང་བུ་གོ་ལ་ཡིན།སའི་གོ་ལའི་སྐྱེ་དངོས་དང་མི།སྲོག་ཆགས་ནི་ཉི་འོད་དང་འབྲེལ་བ་ཆེན་པོ་ཡོད།ཡིན་ནའང་འཛམ་གླིང་དང་འགྲན་ན།ཉི་མ་ནི་ཆེས་མི་མཚར་བའི་དངུལ་མཚོ་བསྐོར་ནས་དགོས་ལ།ང་ཚོ་རྐང་གཉིས་མི་ལ་མཚོན་ན།ཉི་མ་ནི་ང་ཚོའི་ཚེ་སྲོག་དང་འདྲ་ཞིང་གཙོ་ཆེ་རང་བཞིན་དེ་མི་ཐམས་ཅད་ཀྱིས་ཤེས།དེ་བཞིན་གནའ་བོ་མི་རྣམས་ཀྱི་ལྷ་ལྟར་མཆོད་ཅིང་གུས་བཀུར་གནང་ངོ།།ཉི་མ་ནི་ང་ཚོའི་མི་རིགས་རིག་གནས་དང་ལོ་རྒྱུས་བར་ལ་འབྲེལ་བ་ཧ་ཅང་དམ་པོ་ཡོད།གནའ་བོའི་རྒྱལ་རབས་ཀྱི་རྒྱལ་པོ་རྣམས་ཀྱིས་ཀྱང་ཉི་མ་ཚུགས་ཀའི་རྒྱན་ཆ་ལུས་ལ་རྒྱན་ནས་རང་ནི་ཉི་མ་དང་འདྲ་བ་ཡིན་པ་ཚུལ་བསྟན།གནའ་བོ་སྐར་རྩིས་རིག་པ་བ་རྣམས་ཀྱིས་ཀྱང་སའི་གོ་ལ་ནི་ཉི་མ་ལ་འཁོར་བ་ཡིན་པ་རྟོགས་པས།གལ་ཏེ་ཉི་མ་མེད་ན།ཉི་མའི་ཁྱིམ་རྒྱུད་ཀྱང་མེད་པར་འགྱུར་ངེས་ཡིན།ད་ལྟའི་དེང་རབས་ཚན་རིག་པ་རྣམས་ཀྱིས་ཉི་འོད་དངོས་རྫས་གློག་འགྱུར་བྱས་ཤིང་ཉི་མའི་འོད་ཀྱི་ནུས་ཁུངས་ཞེས་གྲགས།འདི་ལྟ་བུ་ཚན་རིག་གྲུབ་འབྲས་ཐོབ་རྗེས།ཉི་མ་ནི་ལྷག་པར་དུ་གཙོ་ཆེ་བར་འགྱུར་རོ།།ཕྱེ་མ་ལེབ་ནི་འབུ་རིགས་ཆུང་ཆུང་ཞིག་ཡིན་ཞིང་།ལུས་ཟུངས་ཡང་ཟོར་ལྡན་ཞིང་།གཤོག་སྒྲོ་གཉིས་ནི་རི་མོ་བའི་སྣུམ་རྩི་རི་མོ་བྲིས་དེབ་དང་མཚུངས་ལ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡིན།གླིང་གའི་ནང་དང་།མེ་ཏོག་ལྡུམ་རྭའི་སྟིང་།ལྷིང་འཇགས་ཀྱི་རྩྭ་ཐང་ཐོག་སོགས་ཕྱེ་མ་ལེབ་མཐོང་ཐུབ།དེས་ཅི་བྱ་བཞིན་ཡོད་ཟེར་ན།མེ་ཏོག་ཟེའུ་འབྲུ་ཐོག་ཏུ་རང་གི་མཆུ་ཏོ་རིང་བོ་མནར་ནས་ཞིམ་མངར་ཅན་གྱི་མེ་ཏོག་གི་གེ་སར་ལ་རོལ་བཞིན་ཡོད།ཕྱེ་མ་ལེབ་རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་མོད་པོ་ཡོད་ལ།རང་གི་ཚོན་མདོག་དང་ཡིབ་རྩལ་བྱེད་པའི་འཚོ་ཐབས་ལ་བསྟེན་ནས་འཚོ་བཞིན་ཡོད།ཨ་མེ་རི་ཀའི་གྲོང་ཚོ་ཞིག་ལ་ཕྱེ་མ་ལེབ་སྔོན་པོ་ཞིག་ཡོད།ཉི་འོད་ཕྱེ་མ་ལེབ་ཀྱི་གཤོག་སྒྲོ་ཐོག་ལ་ལྡོག་འཕྲོ་བྱེད་པ་ན།མཚར་སྡུག་ལྡན་པའི་འོད་ཅིག་འཕྲོ་བས།དགྲ་བོ་རྣམས་ཀྱིས་ཁ་ཟས་སུ་བྱེད་མི་ཕོད།ཡང་ཕྱེ་མ་ལེབ་ཅིག་ཡོད་ཅིང་།དེ་ནི་ཆེས་ཁྱད་མཚར་གྱི་རི་མོར་བསྟེན་ནས་སྲོག་ཆགས་གཞན་རྣམས་མིག་འཕྲུལ་དུ་བཅུག རྒྱང་རིང་ལ་བལྟས་ན་འུག་པའི་མིག་དང་མཚུངས་ཤིང་།ཞིབ་པར་བལྟས་ཚེ་ཚོན་མདོག་སྣ་ཚོགས་ཀྱི་རི་མོ་མ་གཏོགས་ཅི་ཡང་མེད།དེ་ནི་ཚན་རིག་ནང་གི"འཕྲུལ་བལྟས"ཞེས་པ་དེ་ཡིན་ལ།ཚོན་མདོག་འགྱུར་རྗེས་ཕྱེ་ལེབ་ཀྱི་ཟེའུ་འབྲུ་འཕྲོག་བསམ་པའི་སྔོན་ལྐོག་གི་དགྲ་བོ་ཚང་མ་བྲོས་ནས་གར་སོང་ཆ་མེད་དུ་འགྱུར་བ་རེད།ཆེས་ཁྱད་མཚར་ལྡན་པ་ནི་"ལོ་སྐམ་ཕྱེ་ལེབ"ཡིན་ཞིང་སྟོན་ཀ་མ་གཏོགས་ཕྱི་རོལ་དུ་འཕུར་མི་སྲིད།གནོད་འཚེ་ཐོན་དུས་ལོ་སྐམ་ལ་བརྫུས་ནས་ཆག་སྒོ་ལས་ཐར་ཐོབ་བས།འཛམ་གླིང་ཐོག་ཏུ་ཆེས་ཡ་མཚན་གྱི་སྲོག་ཆགས་ནང་དུ་རྩིས་ཆོག སྲོག་ཆགས་རིག་པ་བ་རྣམས་ཀྱིས་ཀྱང་དེར་འཚོལ་གྱིན་ཡོད། ཕྱེ་ལེབ་དང་ཐོག་འཕུར་ཞིང་ལྡིང་བའི་འབུ་ཡི་སྲས་མོ་མིན་ཞིང་།གཟུགས་ཐུང་ཞིང་ཉམས་ཆུང་བའི་འབུ་ཆུང་ནུར་བ་དེ་ཡིན།དེ་ནི་འཚར་བྱེད་ལྤགས་པའི་ནང་དུ་འཁྱིལ་ནས་ངལ་དུབ་ཀྱི་རྣོ་བས་བརྡུངས་རྗེས།ད་གཟོད་ལྤགས་པ་ལས་ཐར་ཏེ་སྨོན་བཟང་གི་ཕྱེ་ལེབ་མེ་ཏོག་འབྱེད་དུ་བཅུག་པ་རེད།།ཁྱི་ནི་བདག་པོ་ལ་བརྩི་སྲུང་བྱེད་ཅིང་།ཤ་ཚ་ཞིང་སྙིང་ཉེ་བའི་སྲོག་ཆགས་ཤིག་ཀྱང་ཡིན།དེ་ལ་ཡང་རིགས་མང་པོ་ཡོད་དེ།ང་ཆེས་རྒྱུན་དུ་མཐོང་བའི་ཁྱི་ནི་ཨ་ཕྱིའི་ཁྱི་དཀར་མོ་དེ་ཡིན།
ཆུང་དུས་སུ།ཨ་ཕྱིའི་ཁྱིམ་ལ་འབྲོག་ཁྱི་ཁམ་དམར་གཡུང་མོ་ཞིག་ཡོད།ཡིན་ནའང་འབྲོག་ཁྱི་དེ་ཕོ་སྐྲན་ན་ནས་ཚེ་ལས་འདས་སོང་།དེ་ནས་ང་དང་མཉམ་དུ་འཚར་ལོངས་བྱེད་མཁན་ནི་ཨ་ཕྱིའི་མོ་ཁྱི་དཀར་མོ་དེ་ཡིན།དང་ཐོག ཁྱི་དཀར་མོ་དེ་དང་ཐེངས་ཨ་ཕྱིའི་ཁྱིམ་དུ་སླེབས་དུས་ལུས་ཟུངས་ཆུང་ཞིང་བདེ་ལྕག་འཁྱུག་པ་ཞིག་ཡིན་ལ།ལུས་མདོག་དུང་ལྟར་དཀར་ཞིང་མིག་གཉིས་ལས་འོད་འཚེར་བ།ལོ་ན་གཞོན་ཞིང་རྒྱུགས་ཤུགས་ལྡན་པའི་ཁྱི་གུ་ཞིག་ཡིན།ཐོག་མར།ཁྱི་གུས་ང་མཐོང་དུས།མཆེ་བ་དཀར་པོ་མངོན་སྟེ་ཟུག་སྐད་འདོན་ནས་ལྕགས་ཐག་ལས་མཐར་བསམ་པ་འདྲ།ང་ཡང་ཁྱི་གུ་ལ་དེ་ཙམ་མི་དགའ་ལ།ཨ་ཕྱིའི་ཆུ་གཏོར་བུམ་པ་དེ་བེད་ནས་ཁྱི་གུ་ལ་ཆུ་གཏོར་བ་ཡིན།དེ་ལྟར་བྱས་ནས་ཡུན་རིང་འགོར་སོང་།ཁོས་ང་ནི་ཨ་ཕྱི་ཚང་གི་བདག་པོ་ཆུང་བ་ཡིན་པ་ངོས་འཛིན་ནས་དགའ་བསུ་བྱེད་པ་དང་།ངས་ཀྱང་་ཁོ་ལ་བསམ་ངན་པྲ་ཆལ་གྱི་ལས་མི་བཟོ་བ།ལོ་ན་རེ་རེ་བཞིན་འདས་སོང་།ང་རང་འཚར་ལོངས་བྱུང་ལ།མོ་ཁྱི་ཡང་ལོ་ན་རེ་རེ་བཞིན་བགྲེས་པ་རེད།མོའི་མིག་ཟུར་དུ་ཡོད་པའི་དམར་རྗེས་དེ་དེ་བས་ཀྱང་གསལ་ལ།ལུས་ཐོག་གི་དུང་ལྟར་དཀར་བའི་སྤུ་ནི་དེ་བས་ཀྱང་སེར་སྐྱར་གྱུར།འབོད་པའི་སྒྲ་ནི་སྔ་ལྟར་མི་གསལ་ཞིང་།རྣ་བར་ཡང་དེ་ཙམ་མི་གཟན།རྒྱུན་དུ་ས་ཐོག་ལ་ཉལ་ཞིང་མགོ་བོ་གྱེན་དུ་བསྒྲེངས།མིག་ལ་ལྟ་དུས་དོན་ཞིག་བསམ་བློ་གཏོང་བཞིན་ཡོད་པ་དང་གཉིས་སུ་མེད།དང་ཐོག་གསོན་ཤུགས་ལྡན་པའི་ཁྱི་གུ་དེ་ངོ་མ་ལོ་ན་བགྲེས་སོང་། མོ་ཁྱི་དེ་ང་ཚོའི་སྒོ་སྲུང་ཡིན་ལ།ང་ཚོའི་གྲོགས་པོ་ཡིན།ང་ཚོའི་ཁྱིམ་ཚང་གི་ཁྱིམ་མི་ཞིག་ཀྱང་འགྱུར་བས་སོ།།
(མཚོ་སྔོན་ཡུས་ཧྲུའུ་གྲོང་ཁྱེར་ཆ་ཚང་སློབ་ཆུང་དང་པོ་ལོ་རིམ་དྲུག་པའི་འཛིན་གྲྭ་དང་པོའི་སློབ་མ)རྩོམ་སྒྲིག་པ།:འཕགས་ཆེན།
ཡོངས་ཁུངས།:འཕགས་ཆེན་འཕྲིན་སྟེགས།
公众号!©Pagchen杷青
འཕྲིན་སྟེགས་ལ་དོ་ཁུར་བྱོས།