༤་༡༤
ཡུལ་ཤུལ་ས་ཡོམ་བྱུང་ནས་ལོ་ངོ་དགུ་འཁོར་བའི་མྱ་ངན་གྱི་དུས་དྲན།
玉树地震9周年纪念日
ཚང་མས་བསྔོ་བ་སྨོན་ལམ་དང་མ་ཎི་རེ་འདོན་རོགས་ཞུ།
请大家多念极乐世界祈愿经和六字真言
阿
弥
陀
佛
ལོ་རེའི་སྤྱི་ཟླ་༤/༡༤ཉིན་ནི་ཁམས་ཡུལ་ཤུལ་ལ་ས་འགུལ་ཆེན་པོ་བྱུང་བའི་རྗེས་དྲན་གྱི་ཉིན་མོ་ཡིན། ང་ཚོས་གསོན་པོ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། ལྷག་པར་རྐྱེན་ལམ་དུ་ཤོར་བའི་ཚེ་ལས་འདས་རྣམས་གཙོ་བྱས་མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་འབྲས་གཉིས་དང་བྲལ་ཏེ་རྣམ་གྲོལ་གཏན་གྱི་བདེ་བ་བླ་ན་མེད་པའི་གོ་འཕང་འཐོབ་པའི་ཆེད་དུ་བསྔོ་བ་སྨོན་ལམ་ཅི་འགྲུབ་གནང་བར་ཞུ།
ཨེ་མ་ཧོ༔
ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔
གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔
གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔
སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔
བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔
བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔
འབྱུང་བཞིིའི་འཇིག་པས་ཚེ་འཕོས་འགྱུར་མ་ཐག༔
སྐྱེ་བ་གཞན་གྱི་བར་མ་ཆོད་པ་རུ༔
དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔
འདི་སྐད་བདག་གིས་སྨོན་བཏབ་པ་འདི༔
ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔
གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔
ཏདྱཐཱ༔ པཉྩནྡྲི་ཡ་ཨ་ཝ་བོདྷ་ནི་ཡེ་སྭ་ཧྭ༔
ཨེ་མ་ཧོ༔
ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང་༔
གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང་༔
གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔
སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔
བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔
བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔
འབྱུང་བཞིིའི་འཇིག་པས་ཚེ་འཕོས་འགྱུར་མ་ཐག༔
སྐྱེ་བ་གཞན་གྱི་བར་མ་ཆོད་པ་རུ༔
དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔
འདི་སྐད་བདག་གིས་སྨོན་བཏབ་པ་འདི༔
ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔
གེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔
ཏདྱཐཱ༔ པཉྩནྡྲི་ཡ་ཨ་ཝ་བོདྷ་ནི་ཡེ་སྭ་ཧྭ༔