བོད་ཟླ ༡ ཚེས༡༤ཉིན།
༧ ཀརྨ་པས་ཞལ་འདོན་གནང་།
རྗེ་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་སོ། །
杰 密拉些巴 多杰拉 索哇 喋索
圣密勒喜笑金刚我祈请
ལོ་རེའི་ཆོ་འཕྲུལ་ཟླ་བའི་ཚེས་༡༤ཉིན་མོ་ནི། ཚེ་ལུས་གཅིག་གིས་ཕྱག་རྒྱ་ཆེན་པོའི་ལམ་ནས་མཆོག་གི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་མི་ལ་བཞད་པ་རྡོ་རྗེ་སྐུ་མྱ་ངན་ལས་འདས་པའི་༼འདས་མཆོད་༽ཀྱི་ཉིན་མོ་ཡིན་པས་ང་ཚོས་རྗེས་དྲན་གྱི་ཚུལ་དུ་ཁོང་གི་རྣམ་ཐར་མཇལ་བ་དང་མགུར་འདོན་པ། གསོལ་འདེབས་སྨོན་ལམ་བྱེད་པ་སོགས་དགེ་ཚོགས་ལ་འབད་པ་གལ་ཆེ།
བྱང་ཕྱོགས་མུན་པའི་སྨག་རུམ་ན།།
གངས་ལ་ཉི་མ་ཤར་འདྲ་བའི།།
ཐོས་པ་དགའ་ཞེས་བྱ་བ་ཡི།།
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ།།
北地暗蒙处,
霜雪逢日开。
闻即喜是名,
顶礼彼座前。
(1135~2020)
勒
日
巴
དེ་རིང་བོད་ཟླ་དང་པོའི་ཚེས་ ༡༤ ཉིན་རྗེ་བཙུན་མི་ལ་རས་པའི་འདས་མཆོད་དང་། སང་ཉིན་བོད་ཟླ་དང་པོའི་ཚེས་ ༡༥ ཉིན་ཆོ་འཕྲུལ་དུས་ཆེན་དང་། སྒྲ་སྒྱུར་མར་པ་ལོ་ཙཱ་བའི་འདས་མཆོད་བཅས་ཡིན་པས། དགེ་བའི་ཀུན་སློང་བཟང་པོས་སེམས་ཅན་གྱི་དོན་སྒྲུབ་པ་དང་དགེ་བའི་ལས་ལ་འབད་བརྩོན་བྱས་ན་ཕན་ཡོན་ཧ་ཅང་ཆེ།
今天是正月14大成就者即身成佛米拉日巴尊者圆寂纪念日,见到他和听到他的名号,想念他的法相的样子,读诵他的传记都不到三恶道的功德,朋友们读诵一遍米拉日巴传记吧,修行二资料都是包括读诵他的传记。
མི་ལ་རས་པ།
མི་ལ་བཞད་པ་རྡོ་རྗེ་འདི་ཉིད་ནི་བོད་གངས་ཅན་ལྗོངས་རྣལ་འབྱོར་ཡོངས་གཙུག་རྒྱན་མར་པ་ཆོས་ཀྱི་བློ་གྲོས་ཀྱི་སློབ་མ་བུ་ཆེན་བཞིའི་ཡ་གྱལ་ཡིན། ཐོག་མར་ནག་པོའི་ཆོས་སྤྱད་ནས་སྡིག་པ་འབའ་ཞིག་མཛད། དེ་ནས་སྔར་བྱས་ལས་ལ་འགྱོད་ནས་མར་པའི་དྲུང་དུ་བཅར་ནས་སྒྲིབས་སྦྱོངས་མཛད། མངའ་བདག་མར་པས་ཚར་བཅད་རྗེས་འཛིན་གྱི་དཀའ་ཐུབ་དཔགས་མེད་སྟེར་རུང་བླ་མ་ལ་མོས་གུས་ལྟེམས་ཀྱང་མ་ཤོར་བས་བླ་མས་བྱིན་གྱིས་བརླབས་ནས་གདམས་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་། གཅིག་པུར་གངས་ཁྲོད་དང་རི་འཁྲོད་ཉུལ་ཞིང་ཟ་ཡི་དཀའ་ཐུབ་མཛད་ནས་རྩེ་་གཅིག་སྒྲུབ་ལ་གཞོལ་བས་ཕྱག་རྒྱ་ཚེན་པོ་མཆོག་གི་གོ་འཕང་བརྙེད། སྐལ་ལྡན་ལས་འཕྲོ་ཅན་ལ་ཆོས་འཁོར་བསྐོར་ཞིང་གནས་ངེས་མེད་དུ་བྱོན། སློབ་མའི་ཚོགས་དཔགས་ཏུ་མེད་པ་ལས་གྲགས་ཆེ་བ་ནི་ཉི་མ་ལྟ་བུའི་རྗེ་སྒམ་པོ་པ་དང་ཟླ་བ་ལྟ་བུའི་རས་ཆུང་པ་གཉིས་སོ། རྗེ་འདི་ཉིད་ཀྱི་རྣམ་པར་ཐར་བ་༼མི་ལའི་མགུར་འབུམ་༽ནི་དུས་ད་ལྟའང་རིས་སུ་མེད་པར་ཀུན་གྱི་འཁྲོད་ན་བྱིན་རླབས་ཀྱི་མཚན་ཁ་འབར་ཞིང་བཞུགས་སོ།།
密勒日巴
མཐུ་སློབ་ཏུ་འགྲོ་བ།
去学妖术时
མར་པ་ལོ་ཙཱ་དང་མཇལ་བ།
尊者和玛尔巴译师徒相见
དཀའ་བ་སྤྱད་པ།
除业修行。
སྲིང་མོ་དང་འཕྲད་པ།
遇见妹妹。
རས་པ་ཞི་བ་འོད་དང་མཇལ་བ།
尊者和热巴西瓦噢相见
ཁྱི་རས་པ་མགོན་པོ་རྡོ་རྗེ་དང་མཇལ་བ།
尊者和骨狗贡布多吉相遇
དུག་དྲངས་པ།
给尊者下毒
ཕན་ཡོན།
དེ་རིང་གི་དུས་ཆེན་འདི་ལ་ང་ཚོས་ངེས་པར་དུ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལ་རང་གིས་ལྟ་ཀློག་དང་། གཞན་ལ་སྐུལ་མ་སོགས་བྱས་ན་བསོད་ནམས་དཔག་ཏུ་མེད་པ་ཡིན་པ་ནི།
བྱང་ཕྱོགས་མུན་པའི་སྨག་རུམ་ན། །
གངས་ལ་ཉི་མ་ཤར་འདྲ་བའི། །
ཐོས་པ་དགའ་ཞེས་བྱ་བ་ཡི། །
སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །
མི་ལ་རས་པའི་མགུར།
民间 道歌 米拉日巴道歌