འཕགས་ཆེན་འཕྲིན་སྟེགས།
འཕགས་ཆེན། (ཡུལ་ཤུལ།)
སྙན་
ངག
བོད
ལྷ་སའི་བར་སྐོར་ནང་དུ།
རྩོམ་པ་པོ། འཕགས་ཆེན།
གྱེར་འདོན་པ། སྣང་ངུ་།
པར་ལེན་པ། འཕགས་ཆེན།
བར་སྐོར་གྱི་ནམ་མཁའ་གྲུ་བཞིའི་འོག་ཏུ
ཕུ་འདེབས་དགོས་དོན་མི་འདུག
ཁང་པ་རེ་རེའི་སྟེང་ལ
དར་ལྕོག་ཤིག་ཤིག་བྱེད
དར་དམར་ལྷབ་ལྷུབ་བསྐྱོད
དུས་ཚོད་ཀྱི་གཤོག་པ་ལ་ཐོགས་པའི་བར་སྟོང་འདིར
སུ་ཡིན་ཡིན་འགྲོ་ཐུབ་པ་ཞིག་མ་རེད
བར་སྐོར་གྱི་ཁང་པ་རེ་རེའི་སྒོ་ཀླད་ན
མིང་སྙན་མོ་དང་རྫིག་པོ་རེ་བྲིས་ཏེ
ཁ་དོག་འདྲ་མིན་གྱི་སྒོ་བྱང་རེ་བཀལ
ཉི་འོད་ཀྱིས་བཀྲུས་པའི་ཕུར་མ་གཡོ
མིག་གིས་ཟིན་ཚོད་ཀྱིས་བལྟས་ན
འཛམ་གླིང་གི་ཚོང་རྫས་མ་ཚང་བ་མེད་པ་ལྟར
བར་སྐོར་གྱི་ཁང་པ་རེ་རེའི་སྒོ་ཁ་ན
ས་ལྟ་གནམ་ལྟ་བྱེད་པའི་ཡུལ་སྐོར་བ
ཕྲེང་བ་ཐོགས་པའི་གནས་མཇལ་བ
ཉོ་ཚོང་ལ་དགའ་བའི་མི་དག་འཚང་ག་རྒྱག
དེ་ལས་རྒྱུས་ཡོད་ཀྱི་སྐད་ཆ་བཤད་མཁན་ཏེ
ཞལ་རས་དཀར་བའི་སྒྲོལ་མ་དང
གདོང་པ་ནག་པའི་བཀྲ་ཤིས་མང་པོ་འཛོམས་འདུག
བར་སྐོར་གྱི་སྐོར་ལམ་ནང་དུ
མ་ཎིའི་དབྱངས་དང་རོལ་མོའི་སྒྲ
རླུང་གི་ཁམས་དང་ཆར་པའི་བརླན
ཉི་མའི་ཟེར་དང་ཟླ་བའི་འོད
ཟང་ཟིང་གི་དངོས་པོ་སྐྱེལ་ལེན་དེས
མི་ཚོགས་ཁྲི་སྟོང་གི་འདུ་ལོང་དེས
ཁེར་རྐྱང་གི་རྒྱབ་གཟུགས་བསྒྲིབས་སོང
དངོས་ཡོད་ཀྱི་འཇིག་རྟེན་བསྟན་སོང
ལྷ་སའི་བར་སྐོར་ནང་དུ
སུ་ཡིན་ནའང
ཆ་ཡོད་ཆ་མེད་ཀྱི་ངོ་གདོང་འོག་ཏུ
རང་སེམས་དག་པ་ཤེལ་གྱི་མེ་ལོང་ཞིག
གཡས་སྐོར་ལ་གོམས་པའི་མི་དང
གཡོན་ཕྱོགས་ལ་རྒྱུ་བའི་འགྲུལ་པ་དག་ལ
གཉིད་དང་ངལ་གསོའི་རེ་དོགས་མེད་པ་འདྲ
རང་རང་སོ་སོའི་ངོ་གདོང་ལ་མཚེར་སྣང་གི་དྲི་མ་ཙམ་ཡང་མི་འདུག
ད་དུང་མདུན་དུ་འགྲོ་འདོད་ཀྱི་སྣང་བ་སྐྱིད་པོ་འདུག
2020/8/16ཉིན་བར་སྐོར་ནང་ནས་བྲིས།
མུ་མཐུད་ནས་སྙན་ངག་ལ་གཟིགས།
1 ཕྱིར་རྟོག་དང་རྡུལ་ཚོན། འཕགས་ཆེན་གྱི་སྙན་ངག་གསར་པ།
3 འཕགས་ཆེན་གྱི་སྙན་ངག | ཉི་མ་ལྷ་ས། རོང་མོས་གྱེར།
4 འཕགས་ཆེན་གྱི་སྙན་ངག་གསར་པ། | སང་ཉིན་ཆར་པ་འབབ་སྲིད་དམ།
5 《དུས་ཚོད་སྟོང་ཚུལ་ཞིག》བཙུན་ཆུང་ཀརྨ་ཕུན་ཚོགས་རྗེས་དྲན། འཕགས་ཆེན།
6 སློབ་གྲོཊ་ཚོ། མུ་མཐུད་ནས་ལམ་དུ་ཆས་ཤིག འཕགས་ཆེན་གྱི་སྙན་ངག་གསར་པ།
7 དེ་རིང་གི་སྤྲོ་གསེང་། འཕགས་ཆེན་གྱི་སྙན་ངག་གསར་པ།
一起为高考加油