དེ་རིང་ནི་བོད་ལྕགས་གླང་ལོའི་ལོ་སར་ཉིན་བརྒྱད་པ་རེད། ལྷ་སར་སྔར་རྒྱུན་ལྟར་ཉིན་འདིར་ཇོ་ཤཱཀ་རྣམ་གསུམ་མཇལ་ཁ་གནང་བཞིན་འདུག བདག་ཀྱང་ཞོགས་པའི་དུས་ཚོད་བདུན་པ་ནས་ལམ་ལ་ཆས་ཏེ་ཐོག་མར་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་། དེ་ནས་པོ་ཏ་ལྷ་ཁང་། དེ་རྗེས་ར་མོ་ཆེ་གཙུག་ཁང་བཅས་མཇལ་ཞིང་། ནང་གི་རྟེན་གཙོ་ཇོ་ཤཱཀ་རྣམ་གསུམ་མཆོད་མཇལ་བྱས་པ་ཡིན། མཇལ་སྐོར་གྲུབ་སྐབས་ཕྱི་དྲོའི་དུས་ཚོད་གསུམ་པ་རེད་འདུག
མཆོད་མཇལ་ལ་འགྲོ་ཞོར་པར་ལེན་ཆོག་སའི་གནས་འགའ་ནས་པར་རིས་མང་པོ་བླངས་ཤིང་། པར་ཡག་ཤོས་བརྒྱད་ཅུ་ལྷག་འདིར་སྤེལ་ཡོད། པར་འདི་དག་ནི་ཁ་པར་གྱིས་བླངས་པས་རྒྱུ་ཆ་དེ་འདྲ་མི་ལེགས་ཤིང་། པར་ལེན་པའི་ཤེས་བྱ་ཉམས་མྱོང་དབེན་པས་སྒྱུ་རྩལ་གྱི་ཕྱོགས་ནས་ཡིད་སེམས་འགུགས་པ་ཞིག་མིན་ནའང་། པར་ལེན་སའི་གནས་ཁྱད་པར་བ་ཡིན་སྟབས་དགའ་མོས་བྱེད་མཁན་འགའ་རེ་ཡོད་ན་སྲིད་སྙམ་ཏེ་འཕྲིན་སྟེགས་འདིར་སྤེལ་ཡོད། ཐུགས་ཡིད་དང་མཐུན་པར་སྨོན། བཀྲ་ཤིས་བདེ་ལེགས།
-འཕགས་ཆེན་གྱིས།
བརྙན་འདི་ལོ་སར་སྔོན་ནས་བླངས་པ་ཡིན།
ལྷ་ལྡན་གཙུག་ལག་ཁང་།
大昭寺
ཕོ་བྲང་པོ་ཏ་ལ།
布达拉宫
ར་མོ་ཆེ་གཙུག་ལག་ཁང་།
小昭寺
པར་ལེན་པ། འཕགས་ཆེན།
摄影者:杷青
པར་ལེན་དུས། 2021/2/19ཉིན།
公众号!©Pagchen杷青