ལྷ་བབས་ཆུ་ཚན།
འཕགས་ཆེན། (ཡུལ་ཤུལ)
ལྷོ་བྲག ནམ་མཁའི་བྱ་ཆེན་འཕུར་སོང
ལྷོ་བྲག མཚོ་མོའི་ཉ་ཆུང་འཕྱོས་སོང
གནམ་སའི་ཉི་ཟླ་གཅེར་བུར་བུད་དེ
རི་རབ་ཀྱི་གྲིབ་མ་ཐང་ལ་གཡུགས་སོང
དུས་ཚིགས་ཀྱི་རྦབ་རྡོ་ལྷུང་ཤུལ་དུ
རྡོ་བ་གྲང་མོ་ཞིག་གི་ཞལ་རས་མཇལ
ང་ཚོས་ཤ་འཛུམ་རུས་འཛུམ་བསྟན་ཏེ
རྒྱང་རིང་གི་དྲན་པ་གཟུགས་སུ་ཕབ
ལྷོ་བྲག ཉིན་མོ་དྭངས་ཤིག་ཤིག་གི་མེ་ལོང
ལྷོ་བྲག མཚན་མོ་འུར་དིར་དིར་གྱི་བྲག་ཅ
ཆུ་ཚན་མང་པོ་ཞིག་གི་གྲོད་པ་ཆེན་པོ
ཁྱོད་ཀྱི་པང་དུ་འཁྱུག་ཐེངས་གཅིག་གིས
ང་ཡི་ངལ་དུབ་ཀྱི་སྲ་གཟུགས་བརླན་གྱིས་བཤིགས
འགྲོ་འདུག ཉལ་ལང
ཁྱོད་ཀྱི་ང་ལ་སྤྲད་པའི་ལུས་རྩལ་ཞིག་ཡིན་ནམ
ངས མིག་བཙུམས་ཏེ་ཆུ་ཚན་གཏོར
དབུགས་བསྒོམས་ཏེ་ལུས་ཕུང་བསྣུབས
ལྷོ་བྲག འགྲོས་དལ་བའི་དགུན་ཁ་ཇེ་མགྱོགས་སུ་བཏང་སོང
2022.2.24ཉིན་བྲིས།
རྩོམ་སྒྲིག་པ།:འཕགས་ཆེན།
公众号!©Pagchen杷青