གོམ་སྟབས་བརྟན་ལ་གོ་རིམ་ལྡན་པའི་ངང་ནས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
སྔར་བས་ལེགས་པའི་སྒོ་ནས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་འགྲོ་བར་སྤྱི་འདོམས་བྱེད་པ། ཧུར་བརྩོན་དང་བརྟན་པོ། ནུས་ཤུགས་དང་གོ་རིམ་ལྡན་པའི་སྒོ་ནས་ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད། ད་ལྟ་འབྲེལ་ཡོད་ནང་དོན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
དང་པོ། ལས་ཐོན་བསྐྱར་ཚུགས་ཀྱི་དུས་ཚོད་བཀོད་སྒྲིག༢༠༢༢ལོའི་སྤྱི་ཟླ་9པའི་ཚེས་20ཉིན་གྱི་ཆུ་ཚོད་0ནས་བཟུང་། གྲོང་ཁྱེར་ཡོངས་སུ་གོ་རིམ་ལྡན་པའི་ངང་ནས་ལས་ཐོན་བསྐྱར་ཚུགས་བྱ་རྒྱུ་ཡིན།གཉིས་པ། ལས་ཐོན་བསྐྱར་ཚུགས་གི་ཆ་རྐྱེན་དང་བླང་བྱ།༡ བསྟུད་མར་ཉིན་༧རིང་ནད་དཔེ་གསར་པ་ཐོན་མེད་པའི་ཁེ་ལས་དང་ཨར་ལས་ཚན་པ།༢ གདུབ་ཟུམ་དོ་དམ་གྱི་ཆ་རྐྱེན་ལྡན་པའི་ཁེ་ལས་དང་ལས་གྲྭ་ཁག༣ གྲོང་ཁྱེར་འཁོར་རྒྱུག་ལ་འགན་ལེན་བྱེད་པའི་དགོས་ངེས་དང་རིམས་ནད་འགོག་སྡོམ་གྱི་དགོས་ངེས། མང་ཚོགས་ཀྱི་འཚོ་བའི་དགོས་ངེས། འཐབ་ཇུས་གལ་ཆེན་གྱི་དགོས་ངེས། དམངས་འཚོའི་རྣམ་གྲངས་གལ་ཆེན་གྱི་དགོས་ངེས་བཅས་ལས་ཐོན་བསྐྱར་ཚུགས་སྔོན་ལ་བྱ་རྒྱུ།༤ འབྲེལ་ཡོད་ལག་ཁྱེར་འཐུས་སྒོ་མི་ཚང་བ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་ཞིབ་ཚགས་མིན་པ། བདེ་འཇགས་སྒྲིག་ཆས་སྒྲིག་བཀོད་མི་འདང་བ། རིམས་འགོག་དངོས་ཟོག་མི་འདང་བ། འགོག་སྡོམ་བྱ་ཐབས་དོན་འཁྱོལ་ནན་པོ་མིན་པ། རིམས་ནད་འགོག་སྡོམ་ཐད་ཚབས་ཆེའི་མངོན་མེད་རྐྱེན་ངན་ཡོད་རིགས་རྣམས་ལས་ཐོན་བསྐྱར་ཚུགས་བྱེད་མི་ཆོགགསུམ་པ། ལས་ཐོན་བསྐྱར་ཚུགས་ཀྱི་གྲ་སྒྲིག་ལས་ཀ༡ ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཁེ་ལས་དང་ཨར་ལས་ཚན་པས་རང་ལས་ཁུངས་ཀྱི་རིམས་ནད་འགོག་སྡོམ་ཐད་ཀྱི་གཙོ་གཟུགས་འགན་འཁྲི་འཁུར་དགོས། ཁེ་ལས་དང་ཨར་ལས་ཚན་པའི་འགན་འཁུར་མི་སྣ་གཙོ་བོས་ཙུའུ་ཀྲང་བྱས་པའི་རིམས་ནད་འགོག་སྡོམ་གྱི་ལས་དོན་ཚོགས་ཆུང་འཛུགས་ཏེ་རིམས་ནད་འགོག་སྡོམ་གྱི་ལས་ཀའི་ཇུས་གཞི་དང་འཕྲལ་བསྟུན་སྔོན་ཇུས་བཟོས་ཐོག ལས་ཀའི་འགན་འཁྲི་ཁག་བགོས་དང་མི་སྣའི་དོ་དམ། གྲལ་བཤེར་ལམ་ལུགས། ཁོར་ཡུག་དུག་སེལ། ཞག་སྡོད་ཟ་འཐུང་། རྒྱུན་ལྡན་གྱི་དོ་དམ་ཚོད་འཛིན། རྒྱབ་ཕྱོགས་ཞབས་ཞུའི་འགན་ལེན། ཆ་འཕྲིན་སྙན་ཞུ་སོགས་ཀྱི་ནང་དོན་ཁ་གསལ་དགོས་པ་མ་ཟད་རིམས་ནད་འགོག་སྡོམ་དེ་ཁེ་ལས་དང་རྣམ་གྲངས་ཀྱི་རྒྱུན་གཏན་དོ་དམ་མ་ལག་ཁྲོད་དུ་འཇུག་དགོས།༢ རིམས་འགོག་དངོས་ཟོག་གྲབས་གསོག་བྱེད་དགོས། འགོག་སྲུང་ཁ་རས་དང་དུག་སེལ་ཆང་བཅུད་། དྲོད་ཚད་འཇལ་ཆས། འགོག་སྲུང་གྱོན་ཆས་སོགས་རིམས་འགོག་དངོས་ཟོག་གྲབས་གསོག་དང་དོ་དམ་ཡག་པོ་བྱེད་པ། རྩ་དོན་ཐོག་མ་མཐར་ཡང་ཉིན་༣༠རིང་གི་བེད་སྤྱོད་བྱེད་ཚད་གྲབས་གསོག་བྱེད་དགོས། ཆབས་ཅིག་ལས་མིའི་མི་གྲངས་ཀྱི་བསྡུར་ཚད་གཞིར་བཟུང་། སྐབས་འཕྲལ་གྱི་ལོགས་བཀར་ལྟ་ཞིབ་ཁུལ་བཀོད་སྒྲིག་བྱེད་དགོས།༣ མི་སྣ་གྲལ་བཤེར་ཞིབ་ཚགས་སུ་གཏོང་དགོས། ལས་མིའི་མིང་ཐོ་བཟོས་བ་དང་ཉིན་བདུན་ནང་ཚུན་དུ་ཉིང་སྐྱུར་ཞིབ་དཔྱད་སྲིབས་གཤིས་པའི་ཡིན་པའི་མི་སྣ་ལས་གནས་ཐོག་ལོག་ཆོག ལས་གནས་ཐོག་གི་ལས་མིར་ཞིབ་སེལ་བྱས་ཏེ་བདེ་ཐང་གི་གནས་ཚུལ་དང་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས། བཤེར་རྟགས་གཉིས་དང་སྔོན་འགོག་སྨན་ཁབ་རྒྱག་པའི་གནས་ཚུལ། མི་དེ་རང་དང་སྡོད་རོགས་མི་སྣའི་འགྲུལ་བཞུད་རྗེས་ཤུལ་སོགས་ཀྱི་ཆ་འཕྲིན་གསར་ཤོས་རྒྱུས་ལོན་བྱས་ཏེ་ལས་ཐོན་བསྐྱར་ཚུགས་ཀྱི་མིང་ཐོ་གཏན་འཁེལ་བྱེད་དགོས། ཚ་བ་རྒྱས་པ་དང་སྐམ་གློ་རྒྱབ་པ། མིད་པ་ན་བ། ལུས་ཤུགས་མེད་པ། གྲོད་པ་བཤལ་བ་དང་དེ་བཞིན་རྐང་ལག་ལ་རུས་ཟུག་གཏོང་བ་སོགས་ཀྱི་ནད་རྟགས་ཡོད་མཁན། ཉིན་༧ནང་ཚུན་ལ་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཆར་ཡུལ་སྐོར་གནས་སྡོད་བྱེད་མྱོང་མཁན། འབྲེལ་དྲིས་དམ་ཟབ་ཡོད་མཁན་དང་གཞན་བརྒྱུད་འབྲེལ་འདྲིས་པར་གཏན་འཁེལ་བྱུང་མཁན། ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཚད་ལེན་མི་སྣ་དང་མཉམ་དུ་གནས་སྡོད་བྱེད་མཁན་ལས་མི་བཅས་གནས་སྐབས་ལས་གནས་ཐོག་བསྐྱར་ལོག་གི་བཀོད་སྒྲིག་བྱེད་མི་རུང་། ༤ ཕྱོགས་ཡོངས་ནས་དུག་སེལ་བྱེད་དགོས། ལས་གཉེར་བྱེད་ཡུལ་(གནས་ཡུལ། ཨར་ལས་ཁུལ་)ལས་ཁོངས་ཡོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་གཙང་སེལ་དང་དུག་སེལ་བྱེད་པ། གཙོ་གནད་ཁུལ་(འཚོ་བའི་ཁུལ་དང་གཞུང་ལས་ཁང་། ལས་ཀ་བྱེད་ཁུལ། ཟ་ཁང་། གློག་སྐས། སྤྱི་པའི་གསང་སྤྱོད་སོགས་ཀྱི་ས་ཁོངས་)ལ་རིམ་པ་བཞིན་དུག་སེལ་བྱས་ནས་ཁུག་ཀྱོག་དང་ལོང་ཁུལ་མི་ལུས་པའི་འགན་སྲུང་བྱེད་དགོས།༥ བདེ་འཇགས་དཔྱད་དཔོག་ནན་པོ་བྱེད་དགོས། མཛུབ་ཁྲིད་ཞིབ་བཤེར་དང་ལྟ་ཞིབ་ཚད་ལེན་གྱི་དཔྱད་དཔོག་ལམ་སྲོལ་འཛུགས་སྐྱོང་འཐུས་ཚང་བྱེད་པ། མི་དང་དངོས་ཟོག ཁོར་ཡུག་བཅས་མཉམ་དུ་སྔོན་འགོག་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་ར་ལྟ་སྐུལ་དོ་དམ་དང་ནད་ཡམས་ཚོད་འཛིན་སྡེ་ཁག འཕྲལ་སྡོམ་སྡེ་ཚན་བཅས་ཀྱིས་དུག་སེལ་གྱི་བརྒྱུད་རིམ་དང་ཕན་ནུས་ལ་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། མི་སྣ་དང་གནས་ཡུལ། སྒྲིག་ཆས། དེ་བཞིན་དངོས་ཟོག་བཅས་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་ཚད་ལེན་དང་ཞིབ་བཤེར། དཔྱད་དཔོག་བཅས་བྱས་ནས་བདེ་འཇགས་དང་ཡིད་རྟོན་རུང་བའི་འགན་ལེན་བྱེད་དགོས།༦ མངོན་མེད་བདེ་འཇགས་རྐྱེན་ངན་ཞིབ་སེལ་བྱེད་དགོས། ལས་ཐོན་བསྐྱར་ཚུགས་མ་བྱས་སྔོན་གྱི་མངོན་མེད་རྐྱེན་ངན་ཞེབ་སེལ་ནན་ཏན་བྱས་ཏེ་རིམས་ནད་འགོག་སྡོམ་དང་དེ་བཞིན་ལས་མཚམས་འཇོག་དགོས་པའི་རྐྱེན་གྱིས་བཟོས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་དུས་ཚོད་ཨང་དང་པོར་དག་ཐེར་ལེགས་བཅོས་གནད་འཁེལ་བྱེད་དགོས། ཁེ་ལས་དང་རྣམ་གྲངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་འགག་རྩའི་ལས་གནས་ཐོག་གི་མི་སྣ་ལས་སོགས་གནས་ཐོག་སླེབས་མེད་ཚེ་ལས་ཐོན་བསྐྱར་ཚུགས་བྱེད་མི་ཆོག༧ དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་དགོས། དྲིལ་བསྒྲགས་སྒྲོམ་དང་སྐད་འཕྲིན་ཚོགས་པ་སོགས་བརྒྱུད་ནས་རིམས་འགོག་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ཐོག ལས་གནས་ཐོག་བསྐྱར་ལོག་བྱེད་མཁན་ཚང་མར་ལས་ཞུགས་གོང་གི་རིམས་འགོག་ཤེས་བྱའི་གསོ་སྦྱོང་སྤེལ་ཏེ། ལས་གནས་ཐོག་བསྐྱར་ལོག་བྱེད་མཁན་ཚང་མས་རིམས་ནད་འགོག་སྡོམ་བྱེད་པའི་ཐབས་ཤེས་ཁོང་དུ་ཆུད་པའི་འགན་ལེན་བྱེད་དགོས།གོང་གསལ་འབྲེལ་ཡོད་ནང་དོན་ཚང་མར་ལས་ཀའི་ཐོ་ཡིག་བཟོས་ནས་ཞིབ་བཤེར་གྱི་གྲ་སྒྲིག་བྱེད་དགོས།བཞི་པ། ལས་ཐོན་བསྐྱར་ཚུགས་ཀྱི་ཞིབ་བཤེར་མཆན་འགོད།༡ རང་བཤེར་བྱེད་པ། ཁེ་ལས་ཁག་དང་ཨར་ལས་ཚན་པས་གོང་གསལ་གྲ་སྒྲིག་བྱེད་དགོས་པ་བདུན་གྱི་ནང་ཚན་ལ་བསྡུར་ནས་རང་བཤེར་རང་བཅོས་བྱེད་པ་དང་། རིམས་ནད་འགོག་སྡོམ་གྱི་གཏན་འབེབས་དང་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་དགོས།༢ རེ་འདུན་ཞུ་ཡིག་འབུལ་དགོས། རང་བཤེར་ཚར་རྗེས། ཁེ་ལས་ཁག་དང་ཨར་ལས་ཚན་པ་ཁག་གིས་རང་གནས་སའི་རྫོང་ཆུས་ལ་རིམས་ནད་འགོག་སྡོམ་ཐབས་ཇུས་ཀྱི་ཁས་ལེན་ཡི་གེ་དང་ལས་ཐོན་བསྐྱར་ཚུགས་ཀྱི་རང་བཤེར་གནས་ཚུལ་སྙན་ཞུ་འབུལ་དགོས།༣ ཞིབ་བཤེར་ཞིབ་མཆན་འགོད་དགོས། རྫོང་ཆུས་ཁག་གིས་ས་ཡུལ་དངོས་ལ་ཞིབ་བཤེར་བྱས་ཏེ་ལས་ཐོན་བསྐྱར་ཚུགས་བྱེད་མིན་གྱི་མོས་མཐུན་ཁ་གསལ་བྱེད་དགོས་པ་མ་ཟད། གྲོང་ཁྱེར་རིམ་པའི་ལས་རིགས་གཙོ་གཉེར་དོ་དམ་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། ཁས་ལེན་ཡི་གེ་དང་རང་བཤེར་གནས་ཚུལ་སྙན་ཞུ། ཞིབ་བཤེར་མཆན་འགོད་རེའུ་མིག་བཅས་གྲོང་ཁྱེར་རིམ་པའི་གཙོ་གཉེར་དོ་དམ་སྡེ་ཁག་ནས་གཏན་འབེབས་བྱེད་པ་དང་ཞིབ་ཕྲའི་ནང་དོན་རང་ངོས་ནས་གཏན་འཁེལ་བྱས་ན་ཆོག དཔྱད་གཞི་རྫུན་མ་མཁོ་འདོན་བྱེད་མཁན་གྱི་ཁེ་ལས་དང་ཨར་ལས་ཚན་པར་འགན་འཁྲི་རྩད་གཅོད་ནན་པོ་བྱེད་རྒྱུ་ཡིན།ལྔ་པ། ལས་ཐོན་བསྐྱར་ཚུགས་ཀྱི་ལས་གནས་ཐོག་ལོག་མཁན་མི་སྣ།ལས་གནས་སུ་ལོག་རྒྱུའི་རེ་འདུན་ཞུ་མཁན་ལས་མིར་གཤམ་གསལ་གྱི་ཆ་རྐྱེན་དག་ཚང་དགོས།༡ བདེ་ཐང་བཤེར་རྟགས་དང་འགྲོ་བསྐྱོད་བཤེར་རྟགས་གཉིས་ཀ་ཚོས་གཞི་ལྗང་ཁུ་ཡིན་དགོས་པ།༢ ཉིན་༧ནང་ཚུན་དུ་ཉེན་ཁ་ཆེ་བ་དང་འབྲིང་བའི་སར་གནས་སྡོད་འགྲུལ་བཞུད་བྱེད་མྱོང་མེད་པ།༣ ཉེན་ཁ་ཆེ་བ་དང་འབྲིང་བའི་ཁུལ་གྱི་མི་སྣ་དམིགས་གསལ་གནས་ཚུལ་གྱིས་རྐྱེན་པས་ལས་གནས་ཐོག་མི་ལོག་ཐབས་མེད་ཡིན་ན། ཉིན་༣གྱི་སྔོན་ནས་བོད་ལྗོངས་ཤར་བགྲོད་ནང་ནས་སྙན་སེང་ཐོ་འགོད་བྱེད་དགོས་པ་མ་ཟད། སླེབས་ས་དང་པོ་དང་དུས་ཚོད་ཨང་དང་པོར་གཏན་འཁེལ་བྱས་པའི་ལོགས་བཀར་བྱ་ཡུལ་དུ་གཅིག་བསྡུས་ལོགས་བཀར་བྱས་ཏེ་གསོ་རིག་གི་ལྟ་ཞིབ་བྱེད་དགོས་པ། ཉེན་ཁ་དམའ་བའི་ཁུལ་གྱི་མི་སྣ་ལས་གནས་ཐོག་ལོག་དགོས་ཚེ་ཉིན་གསུམ་གྱི་སྔོན་ནས་བོད་ལྗོངས་ཤར་བགྲོད་ནང་སྙན་སེང་ཞུ་དགོས་པ་དང་། སླེབས་ས་དང་པོར་ཆུ་ཚོད་༤༨རིང་གི་ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཡིན་པའི་དཔང་རྟགས་དང་འགྲོ་བསྐྱོད་བཤེར་རྟགས། བོད་ལྗོངས་ཤར་བགྲོད་ཀྱི་ཚོས་གཞི་ལྗང་ཁུ་ཡིན་མིན་ཞིབ་བཤེར་བྱེད་པའི་ཁར། གདོད་འགོག་བརྟག་དཔྱད་བྱེད་པ་མ་ཟད་རེ་བ་ལྟར་ཉིན་༣རིང་གི་ཁྱིམ་སྡོད་བདེ་ཐང་ལྟ་བཤེར་ཆ་རྐྱེན་ཚང་དགོས།༤ རྩ་དོན་ཐོག་རིམས་འགོག་སྨན་ཁབ་ཐེངས་གསུམ་རྒྱག་དགོས། རིམས་འགོག་སྨན་ཁབ་ཐེངས་གསུམ་མ་ཚང་བའི་རིགས་རྣམས་གཏན་འཁེལ་གྱི་དུས་ཚོད་ནང་རིམས་འགོག་སྨན་ཁབ་རྒྱག་དགོས།དྲུག་པ། ལས་ཐོན་བསྐྱར་ཚུགས་བྱེད་པའི་རྒྱུན་རྣམ་འགོག་སྡོམ།༡ གདུབ་ཟུམ་དོ་དམ་ནན་པོ་བྱེད་དགོས། ཁེ་ལས་དང་ཨར་ལས་ཁུལ་གྱིས་ཕྱི་རོལ་གྱི་དངོས་ཟོག་མཁོ་སྤྲོད་མི་སྣ་དང་རྒྱུ་ཆ་མཁོ་སྤྲོད་མི་སྣ། གད་སྙིགས་དབོར་འདྲེན་མི་སྣ་བཅས་དང་ནང་ཁུལ་གྱི་ལས་དོན་མི་སྣ་ཚོགས་སྤྱི་རིགས་གཉིས་ལ་ནན་པོར་དབྱེ་ནས་འབྲེལ་གཏུག་མི་བྱེད་པའི་དོ་དམ་ལག་བསྟར་བྱེད་དགོས་པ། ཕྱི་རོལ་གྱི་གདུབ་ཟུམ་དོ་དམ་མི་སྣ་རྩ་དོན་ཐོག་ཁེ་ལས་དང་ཨར་ལས་ཁུལ་དུ་མི་སྐྱོད་པ། ཁེ་ལས་དང་ཨར་ལས་ཁུལ་གྱི་མི་སྣ་རྩ་དོན་ཐོག་ཕྱི་རོལ་གྱི་མི་སྣ་དང་འབྲེལ་གཏུགབྱེད་མི་ཆོག ལས་ཐོན་བསྐྱར་ཚུགས་བྱས་རྗེས། ཁེ་ལས་དང་ཨར་ལས་ཁུལ་དུ་གདུབ་ཟུམ་དོ་དམ་ལག་བསྟར་བྱས་ནས་ལས་མི་ནང་དུ་མི་འཛུལ་ལ་ཕྱིར་ཐོན་མི་ཆོག་པ། རྩ་དོན་ཐོག་བསྐྱར་དུ་ལས་བཟོ་བ་གསར་པ་བསྡུ་ལེན་མི་བྱེད་པ། ཡིན་གཅིག་ནང་དུ་འཛུལ་དགོས་ངེས་ཡིན་ཚེ་ངེས་པར་དུ་ཁོངས་གཏོགས་ལ་སྙན་སེང་ཞུ་དགོས་པ་དང་། གསར་དུ་ཡོང་མཁན་མི་སྣའི་འགྲུལ་བཞུད་རྗེས་ཤུལ་(འགྲིམ་འགྲུལ་བྱ་ཐབས)དང་རིམས་འགོག་སྨན་ཁབ་དང་ལེན། ཉིང་སྐྱུར་བརྟག་དཔྱད། བདེ་ཐང་བཤེར་རྟགས། འགྲོ་བསྐྱོད་བཤེར་རྟགས་བཅས་ལ་ངེས་པར་ཞིབ་དཔྱད་ནན་པོ་བྱེད་དགོས།༢ མི་སྣ་དབྱེ་འབྱེད་ནན་ཏན་བྱེད་དགོས། ཁེ་ལས་དང་ཨར་ལས་ཁུལ་གྱི་འཚོ་བ་སྐྱེལ་ཁུལ་དང་གཞུང་ལས་ཁུལ། ལས་སྒྲུབ་ཁུལ་(ཨར་ལས་ཁུལ་)བཅས་ལ་ཁུལ་དབྱེ་ལོགས་བཀར་བྱེད་དགོས་ཤིང་། མཁོ་སྤྲོད་འགན་ལེན་བྱེད་མཁན་མི་སྣ་ཕུད། དེ་མིན་མི་སྣ་ས་ཁོངས་ལས་བརྒལ་ནས་འགྲོ་སྐྱོད་བྱེད་མི་ཆོག༣ ཉིང་སྐྱུར་བརྟག་དཔྱད་ནན་ཏན་བྱེད་དགོས། རྫོང་ཆུས་ཁག་དང་ལས་རིགས་ཁག་གི་གཙོ་གཉེར་སྡེ་ཁག་གིས་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་མི་སྣར་ཉིན་རེར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་རེ་བྱེད་པ། ལས་གནས་སུ་ཞུགས་སྐབས་དང་ལས་ཀ་གྲོལ་སྐབས་གདོད་འགོག་བརྟག་ཞིབ་ཐེངས་གཅིག་རེ་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྐྱོན་མེད་རྒྱུན་ལྡན་ཡིན་པའི་མི་སྣར་ལས་གནས་ཐོག་སྐྱོད་ཆོག་པའི་ལག་ཁྱེར་སྤྲོད་པ་དང་། ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་རྒྱུན་ལྡན་མིན་པའི་རིགས་ལ་དུས་ཚོད་ཨང་དང་པོར་ལག་ཁྱེར་བསྡུ་བ་དང་དུས་ཚོད་ཨང་དང་པོར་ལས་མཚམས་འཇོག་སུ་འཇུག་དགོས་པ་མ་ཟད། རིམས་ནད་འགོག་སྡོམ་གྱི་བླང་བྱ་ལྟར་ཐག་གཅོད་བྱེད་དགོས།༤ བཟའ་འཐུང་སྡོད་གནས་འགན་སྲུང་ནན་པོ་བྱེད་དགོས། ལས་མིའི་ཉལ་ཁང་དུ་མི་གཞན་དག་གང་བྱུང་འཛུལ་རྒྱུ་གཏན་འགོག་བྱེད་དགོས། ལས་མིའི་གནས་སྡོད་ཞག་མལ་དེ་གཞུང་ལས་ཁང་གཅིག་པ་དང་ལས་དོན་ཚོ་ཆུང་གཅིག་པ། ལས་ཀའི་དུས་ཚོད་གཅིག་པ་བཅས་ཡིན་པ་རྣམས་རྩ་དོན་ལྟར་ཁང་པ་གཅིག་ཏུ་གནས་སྡོད་བཀོད་སྒྲིག་བྱེད་དགོས། ལས་མིས་ལྟོ་ཆས་ཟ་སྐབས་དུས་ཚོད་ཁག་ཁག་ཁ་ཐོར་ངང་ནས་ལྟོ་ཆས་ཟ་བ། ཟ་ཁང་གི་ཁ་ལག་ཟ་སའི་ས་ཁོངས་ཀྱི་སྒྲོག་ཙེ་དང་རྐུབ་སྟེགས་བཀོད་སྒྲིག་ལུགས་མཐུན་བྱེད་པ། གང་ཐུབ་ཀྱིས་ཁ་ཕྱོགས་གཅིག་ལ་བཀོད་སྒྲིག་བྱེད་པ། ཁ་ལག་ལེན་པ་དང་ཁ་ལག་ཟ་སྐབས་སྨི་1ཡན་གྱི་བདེ་འཇགས་སྤྱི་ཚོགས་འབྲེལ་བའི་བར་ཐག་འཇོག་པ། ཁེར་རྐྱང་དུ་ཁ་ལག་ཟ་རྒྱུ་དར་སྤེལ་གཏོང་བ། ཟ་ཁང་གི་ལས་དོན་མི་སྣར་ངེས་པར་དུ་གོ་ཆོད་པའི་བདེ་ཐང་ལག་ཁྱེར་ཡོད་དགོས་ལ། མི་སྒེར་གྱི་གཙང་སྦྲ་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་པ། གསར་དུ་ལས་གནས་ཐོག་བསླེབས་མཁན་མི་སྣས་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་ཁེར་རྐྱང་དུ་ཞག་སྡོད་བྱེད་པ་དང་ཟ་མ་ཟ་དགོས།༥ རྒྱུན་གཏན་གྱི་འགོག་སྡོམ་ནན་པོ་བྱེད་དགོས། ལས་གཉེར་བྱ་ཡུལ་དང་རྣམ་གྲངས་ཀྱི་ཨར་ལས་ཁུལ་གྱི་འཛུལ་སྒོའི་མངོན་གསལ་དོད་སར་གནས་ཡུལ་བཤེར་རྟགས་སྦྱར་དགོས་པ། གཟུགས་པོའི་དྲོད་ཚད་འཇལ་བ་དང་སྨན་སྤྱོད་ཁ་རས་རྒྱག་པ། སྨི་གཅིག་གི་བར་ཐག་འཇོག་པ། བཤེར་བ་གཅིག་དང་ལྟ་ཞིབ་གསུམ་(གནས་ཡུལ་བཤེར་རྟགས་བཤེར་བ། བདེ་ཐང་བཤེར་རྟགས་དང་འགྲོ་སྐྱོད་བཤེར་རྟགས། ཉིང་སྐྱུར་བརྟག་དཔྱད་སྲིབས་གཤིས་ཀྱི་དཔང་ཡིག་བཅས་ལྟ་ཞིབ་བྱེད་པ།)སོགས་ཀྱི་དོ་དམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་དགོས།༦ ནན་ཏན་གྱིས་དུག་སེལ་ལེགས་པོ་བྱེད་དགོས། ཟ་ཁང་དང་ཉལ་ཁང་། གཞུང་དོན་སྒྲུབ་ཡུལ་བཅས་དང་དེ་བཞིན་བར་ཁྱམས། གློག་སྐས་ཁང་། འདེགས་འབེབས་འཕྲུལ་འཁོར་གྱི་འཁོར་སྒམ་སོགས་མི་མང་འཛོམས་སར་ལག་པ་འཁྲུད་མི་དགོས་པའི་དུག་སེལ་སྨན་ཆུ་འཇོག་པ། རླུང་འགྲོ་རླུང་རྒྱུག་ཡང་ཡང་བྱས་ནས་མཁའ་རླུང་འཁོར་རྒྱུག་རྒྱུན་འཁྱོངས་བྱེད་པ་མ་ཟད། ཉིན་ལྟར་སྔོན་འགོག་རང་བཞིན་གྱི་དུག་སེལ་ཐེངས་༢ལས་མི་ཉུང་བ་བྱེད་དགོས། སྤྱི་པའི་གསང་སྤྱོད་དུས་ཐོག་ཏུ་གཙང་སྦྲ་གཙང་སེལ་ཡག་པོ་བྱེད་པ་མ་ཟད། ཉིན་ལྟར་སྔོན་འགོག་རང་བཞིན་གྱི་དུག་སེལ་ཐེངས་༣ལས་མི་ཉུང་བ་བྱེད་དགོས་པ། འཚོ་བའི་གད་སྙིགས་དང་སྨན་བཅོས་གད་སྙིགས་ཐག་གཅོད་དུག་སེལ་ཡག་པོ་བྱེད་པ། སྐྱེལ་འདྲེན་རླངས་འཁོར་ལ་ལྷོད་གཏོང་ཁུལ་བཀོད་སྒྲིག་བྱས་ནས་ལྷོད་གཏོང་ཁུལ་ལ་དུག་སེལ་ལག་བསྟར་སོགས་དོ་དམ་ཚོད་འཛིན་བྱ་ཐབས་ནན་ཏན་སྤེལ་དགོས་པ། མཁོ་སྤྲོད་འགན་ལེན་གྱི་དངོས་རྫས་རྣམས་ངེས་པར་དུ་ཁེ་ལས་དང་ཨར་ལས་ཁུལ་གྱི་ཕྱི་རོལ་དུ་དུག་སེལ་བྱེད་དགོས་པ། ཁ་ལོ་བ་དང་འགྲུལ་པ་རྣམས་དགོས་པ་མེད་ཚེ་ཁེ་ལས་དང་ཨར་ལས་ཁུལ་གྱི་མི་དང་འབྲེལ་གཏུག་བྱེད་མི་རུང་།༧ འཕྲལ་བསྟུན་ཐག་གཅོད་ནན་པོ་བྱེད་དགོས། ཁེ་ལས་དང་ཨར་ལས་ཁུལ་གྱི་མི་སྣར་ཚ་བ་རྒྱས་པ་དང་སྐམ་གློ་རྒྱག་པ། མིད་པ་ན་བ། ལུས་ཤུགས་མེད་པ། གྲོད་པ་བཤལ་བ། རྐང་ལག་རུས་ཟུག་གཏོང་བ་སོགས་ཀྱི་ནད་རྟགས་ཐོན་སྐབས། འཕྲལ་མར་གདུབ་ཟུམ་དོ་དམ་བྱས་ནས་དམིགས་འཛུགས་བྱས་པའི་ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་དགོས་པ་མ་ཟད། དུས་ཐོག་ཏུ་ཁོངས་གཏོགས་ཀྱི་རིམས་ནད་ཚོད་འཛིན་སྡེ་ཁག་ལ་སྙན་སེང་ཞུས་ཐོག རིམས་ནད་ཚོད་འཛིན་སྡེ་ཁག་གི་རེ་བ་ལྟར་འཕྲལ་བསྟུན་ཐག་གཅོད་བྱེད་ཁར། འཕྲལ་བསྟུན་སྔོན་ཇུས་ཀྱང་ལག་བསྟར་བྱེད་དགོས།༨ ཞབས་ཞུ་འགན་སྲུང་ནན་པོ་བྱེད་དགོས། གལ་ཆེའི་རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུའི་ཐད་ཐོགས་མེད་ཤར་གཏོང་གི་བགྲོད་ལམ་གཏོད་དགོས་པ། ཆད་རུང་ཞིབ་མཆན་འགོད་པ་དང་ངོ་འཕྲད་མི་བྱེད་པར་ཞིབ་མཆན་འགོད་པ། དྲ་ཐོག་ནས་ཞིབ་མཆན་འགོད་པ། དྲ་ཐོག་ནས་འོས་སྐུལ་འོས་དཔོད་(འོས་དཔྱད་)བྱེད་པ་སོགས་ཀྱི་བྱེད་ཐབས་ཁྱབ་སྤེལ་གཏོང་བ། རྣམ་གྲངས་ཀྱི་མ་དངུལ་གཏོང་སྤྲོད་མགྱོགས་སུ་བཏང་ནས་རྣམ་གྲངས་རྒྱུན་ལྡན་ངང་འཛུགས་སྐྲུན་ཐུབ་རྒྱུའི་འགན་ལེན་བྱེད་དགོས།བདུན། ལས་ཐོན་བསྐྱར་ཚུགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས།༡ ཁེ་ལས་ཀྱི་གཙོ་གཟུགས་འགན་འཁྲི་དོན་འཁྱོལ་བྱེད་དགོས། ལས་ཐོན་བསྐྱར་ཚུགས་བྱེད་པའི་ཁེ་ལས་དང་ཨར་ལས་ཚན་པ་ཁག་གི་འགན་འཁྲི་འཁུར་མཁན་གཙོ་བོ་ནི་རིམས་ནད་འགོག་སྡོམ་ལས་དོན་གྱི་འགན་འཁྲི་འཁུར་མཁན་ཨང་དང་པོ་དེ་ཡིན་པས་ཚན་པ་དེ་གའི་རིམས་ནད་འགོག་སྡོམ་ལས་དོན་གྱི་སྤྱིའི་འགན་འཁྲི་འཁུར་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་གནས་ཡུལ་བཤེར་རྟགས་རེ་ཞུ་དང་ལེན་དང་ཉིང་སྐྱུར་བརྟག་དཔྱད། ལས་བཟོའི་བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་བསྒྲུབ་དགོས།༢ ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རྫོང་ཆུས་ཁག་གིས་ཁོངས་གཏོགས་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལས་ཐོན་བསྐྱར་ཚུགས་བྱེད་པའི་ཁེ་ལས་དང་རྣམ་གྲངས་དེ་དག་རིམས་ནད་འགོག་སྡོམ་རྒྱུན་རྣམ་ཅན་གྱི་དོ་དམ་ཁྲོད་དུ་འཇུག་དགོས་པ་མ་ཟད། ས་གནས་ས་ཐོག་ཏུ་ལས་ཐོན་བསྐྱར་ཚུགས་བྱེད་པའི་ཆ་རྐྱེན་དང་འཚམ་མིན་ཞིབ་བཤེར་བྱེད་པའི་འགན་འཁྲི་ཡང་འཁུར་དགོས།༣ སྡེ་ཁག་གི་ལྟ་སྡོམ་འགན་འཁྲི་དོན་འཁྱོལ་བྱེད་དགོས། གྲོང་ཁྱེར་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་སུས་གཙོ་གཉེར་བྱས་ན་དེས་གཙོ་འགན་འཁུར་བའི་རྩ་དོན་གཞིར་བཟུང་། ལས་གཉེར་གཙོ་གཟུགས་ཀྱི་ལས་ཐོན་བསྐྱར་ཚུགས་ལས་དོན་ཁྲོད་དང་ལས་ཀའི་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། ལས་ཐོན་བསྐྱར་ཚུགས་ཀྱི་ཆ་རྐྱེན་དང་མི་འཚམ་མཁན་དུས་བཀག་ནང་དུ་དག་ཐེར་ཡོ་བསྲང་བྱེད་དུ་འཇུག་དགོས།༤ མི་སྒེར་གྱི་འགོག་སྲུང་འགན་འཁྲི་དོན་འཁྱོལ་བྱེད་དགོས། ལས་མི་ལས་གནས་སུ་ཕྱིར་ལོག་བྱེད་སྐབས་ངེས་པར་དུ་དུས་ཚོད་ཨང་དང་པོར་རང་འགུལ་ངང་ཐོ་འགོད་བྱེད་པ་མ་ཟད། འགོག་སྡོམ་གྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱ་རྒྱུར་གཞོགས་འདེགས་བྱེད་དགོས། ལས་ཀ་བྱེད་པའི་རིང་གཏན་འབེབས་ལྟར་མི་སྒེར་གྱི་འགོག་སྲུང་ནན་པོ་བྱས་ནས་ཕན་ཚུན་འགོ་རེས་བྱེད་རིགས་ནན་ཏན་སྔོན་འགོག་བྱེད་དགོས། ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བའོ། ![]()
གཞིས་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་
ལས་དོན་འགོ་ཁྲིད་ཚོགས་ཆུང་ནས།
2022ལོའི་སྤྱི་ཟླ་9པའི་ཚེས་20ཉིན།